འཇིག་རྟེན་པའི་ལྷ་གང་འདྲ་ལྟ་དགོས་རེད། གང་འདྲ་བསམ་བློ་གཏོང་དགོས་རེད།

འཇིག་རྟེན་པའི་ལྷས་ང་ཚོ་ལ་ཕུགས་ཀྱི་བདེ་བ་སྤྲོད་ཐུབ་ཀྱི་ཡོད་མ་རེད།
ཡིན་ན་ཡང་ང་ཚོས་མཚམས་མཚམས་ལ་འཇིག་རྟེན་པའི་ལྷ་ལ་མཆོད་འབུལ་བྱེད་ཀྱི་ཡོད་རེད།
སྐབས་དེ་དུས་ང་ཚོས་འཇིག་རྟེན་པའི་ལྷ་ལ་གང་འདྲ་ལྟ་དགོས་རེད།
གང་འདྲ་བསམ་བློ་གཏོང་དགོས་རེད།

1 Like

དཔལ་ལྡན་ཟླ་བས། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། ཐར་པ་འདོད་པ་རྣམས་ཀྱི་སྐྱབས།། གསུངས་པས་སྐྱབས་གནས་དཀོན་མཆོག་གསུམ་ལས་གཞན་འཇིག་རྟེན་ལྷ་སོགས་ལ་སྐྱབས་སུ་འགྲོ་མི་དགོས། འོན་ཀྱང་། སྤྱི་ཚོགས་དང་མཐུན་པ་འཇིག་རྟེན་པའི་ལྷ་ལ་གྲོགས་པོའི་འདུ་ཤེས་བཞག་ནས་གསོལ་ན་འགྲིག་མ་གཏོགས་ལུས་ངག་ཡིད་གསུམ་འབུལ་ན་འགྲིག་གི་མ་རེད།