དུས་གསུམ་གྱི་སྐོར།

དུས་གསུམ་གྱི་སྦྱར་སྟངས་རྩ་བ་ག་གི་སྦྱང་ན་ཡག་པོ་ཡོད་རེད།

ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན།

སྤྱི་བཏང་བ།

བྱ་ཚིག་མ་ནིང་བྱེད་ཚིག་མོ་ཡིས་འཕུལ།།

པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ།།

སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ།།

བརྗོད་བདེར་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད།།

བྱེ་བྲག་པ།
ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱི་གསུང་ལས།
བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ།།
བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང།།
སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ནི།།
རྗེས་འཇུག་ས་ཡིག་རྐྱང་པས་སྟོན་པ་དང།།
འདི་ནི་མགོ་ཅན་མང་བའི་སྡེ་ཚན་ནོ།།

ཐོར་བུ་བ།
༣ དུས་གསུམ་ཐོར་བུ་བ་ནི།
གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་ཅིང༌།།
ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང༌།།
འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལས།།
མི་མཐུན་པ་ནི་ཐོར་བུ་བ་ཞེས་བརྗོད།།

རྩ་བ་འདི་གསུམ་ལ་བལྟས་ནས་སྦྱོང་ན་ལེགས།

བོད་ཡིག་ནང་བྱ་ཚིག ༡༠༠༠