རེད། ཡོད་རེད། རེད་འདུག རེད་ཤག རེད་སོང་།

རེད། ཡོད་རེད། རེད་འདུག རེད་ཤག རེད་སོང་།
དེ་ཚོ་བེད་སྤྱོད་བྱེད་སྟངས་འགྲེལ་བཤད་རྒྱག་རོགས་གནང་དང་།

ཡང་། ངས་ཁྱོད་རང་དྲན་གྱི་འདུག
ཚིག་སྐྲུབ་དེ་ནང་ལོགས་ལ་ག་རེ་བྱས་ནས་ལ་དོན་བེད་སྤྱོད་བྱེད་དགོས་མ་རེད། ག་རེ་བྱས་ནས་བྱེད་སྒྲ་བེད་སྤྱོད་བྱེད་དགོས་རེད། དྲན་གྱི་ཡོད་ལབ་ན་འགྲིག་གམ། དྲན་གྱི་འདུག་དང་དྲན་གྱི་ཡོད་ཁྱད་པར་ག་རེ་ཡོད།

རེད། ཡོད་རེད། རེད་འདུག རེད་ཤག རེད་སོང་།

རེད། གཞན་ལ་གཙོ་བོར་བཀོལ།
ཡོད་རེད། མོས་སློབ་སྦྱོང་བྱེད་ཀྱི་ཡོད་རེད། ( འདུག)
རེད་འདུག སོ་སོ་ལ་ངེས་པར་རྙེད་པ། བཀྲ་ཤིས་མི་ཡག་པོ་རེད་འདུག
རེད་ཤག བཞག ཁ་སྐད།

ཡང་། ངས་ཁྱོད་རང་དྲན་གྱི་འདུག
ལ་དོན་བེད་སྤྱོད་བྱེད་མི་བྱེད། ངས་ཁྱེད་རང་དྲན་གྱི་འདུག
ངས་ལྟད་མོ་བལྟས་པ་ཡིན། ངས་ལྟད་མོ་ལ་བལྟས་པ་ཡིན། ངས་རྟ་བཞོན་པ་ཡིན། ངས་རྟ་ལ་བཞོན་པ་ཡིན།
བྱ་བའི་ཡུལ། དངོས་པོ་གཞན་ཡིན།

ངས་རྡ་རམ་ས་ལ་ལ་སྦྱངས་པ་ཡིན།
ག་པར་སྦྱངས་པ་དེའི་ལན། ཡིན་པས། དེ་ལ་ལ་དོན་མི་འཐོབ།
ངས་བོད་ཡིག་ལ་སྦྱངས་པ་ཡིན། ངས་བོད་ཡིག་སྦྱངས་པ་ཡིན། ( གཅིག་པ།)

ང་ནང་ལ་ཡོད།