ཚིག་འདི་ཚོ་དོན་གཅིག་ཡིན་མིན་འགྲེལ་བཤད་རྒྱག་རོགས་གནང་།

གཤམ་གྱི་མིང་རྣམས་སྤྱིར་བཏང་སྐད་ཡིག་དང་ནང་ཆོས་སྐད་ཡིག་གི་ཆ་ནས། དོན་དག་དང་བེད་སྤྱོད་གཏོང་སྟངས་ཁྱད་པར་ག་རེ་ཡོད་མེད་འགྲེལ་བཤད་ཅིག་རྒྱག་རོགས་གནང་། ཐུགས་རྗེ་ཆེ།

ཀ༽ འདུན་པ། སྨོན་ལམ། གསོལ་འདེབས།

ཁ༽ ཡེ་ཤེས། བློ་གྲོས། ཤེས་རབ། རིག་པ།

ག༽ མི། འགྲོ་བ་མི། སྐྱེ་བོ།

ང༽ སྐྱེ་བོ། མི་ཕལ་པ།

ཅ༽ སེམས་ཅན། གང་ཟག འགྲོ་བ། སྐྱེ་བོ།

1 Like

འདུན་པ། ནང་ཆོས་དང་སྤྱིར་བཏང་གི་ཡིག་སྐད་གཉིས་ཀྱི་ནང་དོན་ཕལ་ཆེར་གཅིག་པ་སྟེ། འདོད་པའི་དོན་ཡིན། དཔེར་ན་སྒོར་མོ་ཐོབ་འདོད་པ། རྒྱུ་ནོར་ལ་འདུན་པ་ལྟ་བུ་རེད།

སྨོན་ལམ། འདི་ཡང་ཕལ་ཆེར་འདྲ་ན་ཡང་། སྨོན་ལམ་བཏབ། སྨོན་ལམ་འདེབས་ཞེས་བརྗོད་པའི་སྐབས་སུ་དོན་གཉིས་ཡོད་རེད། སེམས་ནས་དེ་ལྟར་འདོད་པའི་བློ་དང་། ངག་ནས་དེ་ལྟར་བརྗོད་པའི་སྒྲ་འམ་སྨོན་ཚིག་གཉིས་ཀ་ལ་འཇུག།

གསོལ་འདེབས། གསོལ་འདེབས་ནི་ངག་ནས་བརྗོད་པའི་ཚིག་སྟེ། རྒྱ་སྐད་ཀྱི་ 交給您。ཟེར་བ་དང་འདྲ་བོ་རེད།

ཡེ་ཤེས། བློ་གྲོས། ཤེས་རབ། རིག་པ།

བློ་གྲོས་དང་ཤེས་རབ་འདྲ། རིག་པ་ནི་ཤེས་པ་ཐམས་ཅད་ལ་འཇུག། ཡེ་ཤེས་ལ་གོ་དོན་མང་པོ་ཡོད་མོད། རགས་བཤད་ཙམ་ལ། ཐེག་པ་གསུམ་གྱི་ལམ་ཚང་མ་ལ་ཡེ་ཤེས་ཟེར། ཚོགས་ལམ་སྦྱོར་ལམ་སོགས་སོ། །

ག༽ མི། འགྲོ་བ་མི། འདི་གཉིས་དོན་གཅིག་ལྟ་བུ་ལ་གོ་ཆོག། རགས་བཤད་ཙམ་ལ།

སྐྱེ་བོ། ཕལ་ཆེར་གང་ཟག་དང་འདྲ།

ང༽ མི་ཕལ་པ། ནང་ཆོས་གཞིར་བཞག་ན། ལམ་ཉམས་ལེན་མི་བྱེད་པའི་མི་ཚང་མ་མི་ཕལ་པ་ཟེར་ཆོག

གཞན་པ་རྣམས་ལ་ལན་བཏབ་ཟིན།

2 Likes

རྒན་ལགས། ཐུགས་ཆེ་གནང་།

ཡེ་ཤེས་ ཀྱི་གོ་དོན་མང་པོའི་ནང་དུ། ལམ་སྣ་ཚོགས་ཆུད་ཀྱི་ཡོད་པ་དེ། ད་དུང་འགྲེལ་བཤད་ཅིག་གནང་ན་འགྲིག་ས་རེད་པས།

ནང་ཆོས་གཞིར་བཞག་ན། ལམ་ཉམས་ལེན་མི་བྱེད་པའི་མི་ཚང་མ་མི་ཕལ་པ་ཟེར་ཆོག

ལམ་ཉམས་ལེན་བྱེད་མཁན་འཕགས་པ་མ་ཆགས་སྔོན་ལ། མི་ཕལ་པ་ལ་ཟེར་གྱི་ཡོད་པས། མི་རུང་ན་གང་འདྲ་སེ་ཟེར་གྱི་ཡོད་དམ།