མངོན་མཐོ་

སྐྱེས་བུ་ཆུང་ངུའི་དམིགས་ཡུལ་གཙོ་བོ་དེ་མངོན་མཐོ་ཐོབ་ཡ་དེ་རེད། ཡིན་ན་ཡང་མངོན་མཐོ་(增上生)ཟེར་ཡ་དེ་རྒྱ་སྐད་ཐོག་ནས་ལྟས་པ་ཡིན་ན། སྐྱེ་བ་ཕྱི་མ་དེ་ཚེ་འདི་ལས་ཡག་བ་ཡིན་དགོས་རེད་བསམ་བསམ་འདུག

སྨོན་ལམ་ཚིག་མཛོད་ནང་ལོགས་ལ་ལྟས་པ་ཡིན་ན། འགྲེལ་བཤད་གཉིས་ཡོད་རེད་དེ།

  1. མངོན་པར་མཐོ་བ་ཤིན་ཏུ་མཐོ་བ།
  2. ལྷ་དང་བཅས་པའི་བདེ་འགྲོའི་ཕུན་ཚོགས་དགེ་ལེགས།

དང་པོ་དེ་དོན་དག་ཤེས་མ་སོང་། འགྲེལ་བཤད་རྒྱག་རོགས།

གཉིས་པ་དེ་ལ་ལྟས་པ་ཡིན་ན། མངོན་མཐོ་ཟེར་ཡ་དེ་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ནས་ལྷའམ་ཡང་ན་མིའི་གོ་འཕང་ཐོབ་ན་མངོན་མཐོ་ཟེར་གྱི་ཡོད་རེད། བྱས་ཙང་། དཔེར་ན། ང་ལ་མཚོན་པ་ཡིན་ན། ངའི་སྐྱེ་བ་ཕྱི་མ་ཚེ་འདི་ནང་བཞིན་དེ་འདྲ་ཕུན་སུམ་ཚོགས་པ་མེད་པ་བྱས། ཆོས་བྱེད་ཡ་ཡི་ཆ་རྐྱེན་དེ་འདྲ་ཡག་པོ་མེད་ན་ཡང་། ང་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ནས་མིའི་ལུས་ཡང་བསྐྱར་ཐོབ་བ་ཡིན་ཙང་། ངའི་སྐྱེ་བ་ཕྱི་མ་ཡང་མངོན་མཐོ་རེད་ལབ་ཆོག་གི་རེད་དམ།

ཡང་། དལ་བ་བརྒྱད་དང་འབྱོར་བ་བཅུ་མ་ཚང་ན་ཡང་། མི་ལུས་ཡང་ན་ལྷ་ཡི་ལུས་པོ་ཐོབ་བ་ཙམ་གྱིས་མངོན་མཐོ་ལབ་ཆོག་གི་རེད་དམ། དཔེར་ན། མི་ཁོམ་པ་བརྒྱད་ནང་ལོགས་ནས་ ཀླ་ཀློ། ལྷ་ཚེ་རིང་པོ། ལོག་ལྟ་ཅན། སངས་རྒྱས་མ་བྱོན་པའི་གླིང་ལ་ཡོད་པའི་ལྷའང་ཡང་ན་མི་དེ་ཚོ། ཡང་ན་གླེན་ལྐུགས། དེ་རྣམས་ལ་སྐྱེས་པ་ཡིན་ན། མངོན་མཐོ་ལབ་ཆོག་གི་རེད་དམ།

མངོན་པ་མཐོ་བ་ལབ་ན་སྐྱེ་བ་བཟང་པོ་ལ་ཟེར། ལྷ་དང་མི་ལས་བླངས་པ་ཡིན་སྐྱེས་གནས་བཟང་པོ་དང་། དལ་འབྱོར་ཚང་བའི་ལུས་རྟེན་ལ་ཤིན་ཏུ་མཐོ་བ་ཟེར། སྐྱེ་བ་ཕྱི་མ་མི་ལུས་གང་འདྲ་ཞིག་ཐོབ་ཡིན་ན་མངོན་མཐོ་རེད། དལ་བརྒྱད་འབྱོར་བ་བཅུ་ཚང་བའི་ལུས་རྟེན་ལ་མངོན་མཐོ་ཕུན་སུམ་ཚོགས་པ་ཟེར།

བདེ་འགྲོ་དང་མངོན་མཐོ་དོན་གཅིག་རེད་དམ།

དོན་གཅིག་རེད། དཔེར་ན་མངོན་མཐོའི་ལུས་དང་བདེ་འགྲོའི་ལུས་ཟེར་བ་བཞིན་རེད།