སྤྱོད་དང་སྤྱད།

ཇི་ཙམ་སྤྱོད་ཅིང་སྲེད་པ་ཆེ་རུ་ཆེ་རུ། ཆེ་རུ་ཆེ་རུ་འགྲོ་གི་རེད། ང་ཚོ་སློབ་ཚན་དེ་འདྲ་གསུང་འདུག ཡིན་ན་ཡང་རྒན་གྱིས་སྐབས་དེ་ལ་སྤྱོད་ཟེར་ཡ་དེ་ནོར་པ་རེད། སྤྱད་ཟེར་ཡ་དེ་འགྲིག་པ་རེད། ཇི་ཙམ་སྤྱད་ཅིང་སྲེད་པ་ཆེ་རུ་ཆེ་རུ། ཆེ་རུ་ཆེ་རུ་འགྲོ་གི་རེད་ཟེར་ནས་གསུང་དགོས་ཡ་ཡི་རྒྱུ་མཚན་ག་རེ་རེད།

ཇི་ཙམ་སྤྱད་ཅིང་།
ཇི་ཙམ་སྤྱོད་ཅིང་།

སྤྱད་ཅིང་། ཅིང་། ཏེ། ནས། ལ། ལྷག་བཅས་ལ་འཇུག་པའི་སྐབས། དེའི་བྱ་ཚིག་དེ་འདས་པ་ཡིན་ན་ལེགས།

རྒྱུ་མཚན་ནི། བྱ་ཚིག་གཉིས་སླེབས་ན། དང་པོ་དེ་འདས་པ་ཡིན་དགོས།

ངས་སང་ཉིན་ཡི་གེ་སྦྱངས་ནས་འོང་གི་ཡིན། འགྲིགས་པ། )

ངས་སང་ཉིན་ཡི་གེ་སྦྱང་ནས་འོང་གི་ཡིན། ( ནོར་བ།)