སྐྱེད་བ་དང་སྐྱེ་བ་གཉིས་ཀྱི་ཁྱད་པར།

འོག་གི་ནང་དོན་ལྟར་ན། སྐྱེད་བ་དང་སྐྱེ་བ་གཉིས་ཀྱི་ཁྱད་པར་གང་ཡིན་ན།
ཡར་བསྐྱེད། འགྲེལ་བཤད། ཡར་ནི་སྟེང་ཕྱོགས་ཀྱི་དོན་ཡིན། བསྐྱེད་ནི། བྱ་ཚིག་འདས་པ་དང་ད་ལྟ་བ། རང་ཤུགས་ཀྱིས་སྐྱེས་པ་མ་ཡིན་པར། བསམ་བཞིན་དུ་སྐྱེ་རུ་བཅུག་པ་ཟེར།བྱང་ཆུབ་སེམས་ནི་རང་ཤུགས་ཀྱི་སྐྱེ་ཡོང་གི་མ་རེད། བསམ་པ་བཟང་པོ་ཆུང་ཆུང་ཞིག་ཡར་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་ལ་འགྱུར་བ་བྱེད་དགོས་རེད། ཡང་ན། ཨ་མས་བུ་ཕྲུག་བསྐྱེད། ས་བོན་གྱིས་འབྲས་བུ་བསྐྱེད།

ཨ་མས་བུ་ཕྲུག་བསྐྱེད། ས་བོན་གྱིས་འབྲས་བུ་བསྐྱེད། ག་རེ་བྱས་ནས་རང་ཤུགས་ཀྱིས་སྐྱེས་པ་མ་མ་རེད།

སྐྱེད། སྐྱེ། ཁྱད་པར།
སྐྱེད་ བྱེད་འབྲེལ་ལས་ཚིག
སྐྱེ། བྱེད་མེད་ལས་ཚིག

སེམས་བསྐྱེད། རྒྱ་ཆེན་པོར་བཟོ་བ།
སྐྱེད་བྱེད། སྐྱེད་མ། བསྐྱེད་བྱ། ཨ་མས་བུ་ཕྲུག་སྐྱེད་པར་བྱེད།

བུ་ཕྲུག་འདི་ཨ་མ་ལས་སྐྱེས།

ཁོང་ཁྲོ་སྐྱེད། སྐྱེས།
ཁོང་ཁྲོ་སྐྱེས། འདོད་ཆགས་སྐྱེས། ཕྲག་དོག་སྐྱེས།

བྱང་ཆུབ་སེམས་ སྐྱེད། སྐྱེས།
བཟོད་པ། སྐྱེད།

བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།།

བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།

མ་བསྐྱེད་པ་རྣམས་སྐྱེད་གྱུར་ཅིག། འདི་དག་པ་རེད།

སྐྱེ་བ། ལེན།

རང་དབང་མེད་པར་སྐྱེ་བ།