ནས་སྒྲ།

རྒན་པོ་དེས་ལྕགས་ཀྱི་སྡོང་པོ་བལ་གྱིས་བརྡར་ནས་ཁབ་བཟོ་བཞིན་ཡོད་པ་རེད།
ནས་སྒྲ་དེ་ག་རེ་རེད།

རྒན་པོ་དེས་ལྕགས་ཀྱི་སྡོང་པོ་བལ་གྱིས་བརྡར་ནས་ཁབ་བཟོ་བཞིན་ཡོད་པ་རེད།
ལྷག་བཅས་རེད།

ངས་བསླབས་ནས་ཁོས་ཤེས་སོང་།
ངས་བསླབས་ཏེ་ཁོས་ཤེས་སོང་།

ངས་སྦྱངས་ནས་ཤེས་སོང་། ངས་སྦྱངས་ཏེ་ཤེས་སོང་།

ནས་སྒྲ་དེ་ལྷག་བཅས་ལ་བེད་སྤྱོད་གཏོང་ཆོག

ནས།
ཏེ། སྟེ། དེ།
ཅིང་། ཞིང་། ཤིང་།
ལ།

ངས་ཁ་ལག་ཟས་ནས་ཉལ་བ་ཡིན།
ངས་ཁ་ལག་ཟས་ཏེ་ཉལ་བ་ཡིན།
ངས་ཁ་ལག་ཟས་ཤིང་ཉལ་བ་ཡིན།
ངས་ཁ་ལག་ཟས་ལ་ཉལ་བ་ཡིན།