བྱས་སོང་དང་བྱས་པ་ཡིན།

ག་རེ་བྱས་ནས་(ངས་ཀུ་ཤུ་མཐོང་སོང་། )ལབ་པ་དང་། (ངས་ཀུ་ཤུ་མཐོང་པ་ཡིན)ལབ་ཀྱི་ཡོད་མ་རེད།
ག་རེ་བྱས་ནས་(ངས་ཉམས་ལེན་བྱས་པ་ཡིན)ལབ་པ་དང་། (ངས་ཉམས་ལེན་བྱས་སོང་)ལབ་ཀྱི་ཡོད་མ་རེད།

རེད། མི་གཞན་པ།
ཁོང་དབྱངས་ཅན་རེད། ཁོང་ཕྱི་རྒྱལ་བ་རེད། མོ་ནང་པ་རེད།

ཡིན། རང་ལ།
ང་བེ་རི་རྒྱལ་སྲས་ཡིན། ང་བོད་པ་ཡིན། ང་གྲྭ་པ་ཡིན།

སོང་། ཡིན།

སོང་། གང་ཟག་དང་པོ། འདས་པ། རྩོམ་མེད་ལ་བེད་སྤྱོད་བྱེད།
ང་ན་སོང་། ང་ཉོབ་སོང་། ངས་མཐོང་སོང་། ངས་གོ་སོང་། ངས་ཤེས་སོང་།

ཡིན། གང་ཟག་དང་པོ། འདས་པ། རྩོལ་བ་ཡོད་པ།
ངས་བལྟས་པ་ཡིན། ངས་ཉན་པ་ཡིན། ངས་སྦྱངས་པ་ཡིན། ངས་བཤད་པ་ཡིན། ངས་ཉམས་ལེན་བྱས་པ་ཡིན།

ངས་བལྟས་པ་ཡིན། ངས་མཐོང་སོང་།
ངས་ཉན་པ་ཡིན། ངས་གོ་སོང་།
ངས་སྦྱངས་པ་ཡིན། ངས་ཤེས་སོང་།

བཀྲ་ཤིས་ཀྱིས་ཉམས་ལེན་བྱས་པ་རེད། འགྲིགས་པ། )
བཀྲ་ཤིས་ཀྱིས་ཉམས་ལེན་བྱས་སོང་། འགྲིགས་པ།)

བཀྲ་ཤིས་ཀྱིས་ཉམས་ལེན་བྱས་པ་ཡིན། (ནོར་བ། )

ངས་ཁོང་ལ་ལབ་པ་རེད།
ངས་ཁོང་ལ་ལབ་པ་ཡིན།