གྲོགས་ངན་སྤོང་བའི་སྐོར།

ལག་ལེན་སོ་བདུན་མ་ནང་ལ་གྲོགས་ངན་སྤོང་དགོས་གསུངས་ཀྱི་འདུག དཔེར་ན་བཟི་སྨན་ལོངས་སུ་སྦྱོད་མཁན་ཞིག་དང་བྲལ་དགོས་རེད། འོན་ཀྱང་གྲོགས་ངན་ཚོ་ཡང་སེམས་ཅན་ཞིག་དང་སྡུག་བསྔལ་ལས་ཐར་པའི་འདོད་པ་ཡོད་རེད། ང་ཁོང་ཚོ་སྤང་ན་བྱང་ཆུབ་སེམམ་ཀྱི་སྡོམ་པ་དང་འགལ་གྱི་ཡོད་རེད་པས། ཡང་ན་སྤོང་ཚུལ་གང་འདྲ་རེད།

1 Like

སེམས་ཅན་སུ་འདྲ་ཡིན་ནའང་བདེ་བ་འདོད་པ་ཡིན་ཙང་ཕན་གང་ཐོག་ཐོག་བྱེད་དགོས་རེད། ཡིན་ན་ཡང་དེ་ལ་བརྟེན་ནས་རང་ཉིད་ལ་ཉོན་མོངས་འཕེལ་གྱི་འདུག་ན་དེ་དང་ཐག་ཏོག་ཙམ་རིང་པོ་སྡོད་ན་ཡག