རང་སྲོག་གཅོད་པ

གལ་སྲིད་སོ་སོས་རང་སྲོག་གཅོད་པ་ཡིན་ན་ཡིན་གཅིག་མིན་གཅིག་དམྱལ་བ་ལ་འགྲོ་དགོས་རེད་པས། ཡང་ན་མི་ལུས་ཡང་བསྐྱར་ཐོབ་པས་རྗེས་ལ་ཡང་བསྐྱར་རང་སྲོག་གཅོད་ཡ་ཡིན་བག་ཆགས་ཡོད་རེད་པས།

རང་སྲོག་བཅད་པ་ཡིན་ན་མི་གཞན་སྲོག་བཅད་པ་བཞིན་སྦྱོར་དངོས་མཇུག་གསུམ་ཚང་བའི་སྡིག་པ་མིན་ཡང་སྐྱེ་བ་རྗེས་མ་རྣམས་སུ་བཤགས་སྡོམ་ཡག་པོ་བྱེད་ན་སྡིག་པ་དག་ནས་དམྱལ་བ་ལ་འགྲོ་མི་དགོས་པའང་ཡོད། བཤགས་སྡོམ་མ་བྱེད་ན་མི་དགེ་བའི་བག་ཆགས་ད་དུང་ལྷག་ཡོད་པས་ངན་སོང་དུ་འགྲོ་དགོས་པ་སོགས་སྡིག་པ་ཧ་ཅང་ཆེན་པོ་རེད།