ཕྱོགས་རིས།

ཕྱོགས་རིས་ཅན་གྱི་བརྩེ་བ་དེ་སྙིང་རྗེ་སྒོམ་ཡ་ལ་བར་ཆད་རྐྱང་རྐྱང་རེད་པས་ཡང་ན་ཕན་ཐོག་ཏོག་ཙམ་ཡོད་རེད་པས།

1 Like

ཕྱོགས་རིས་ཅན་གྱི་བརྩེ་བ་དེ། རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་ལ་སྡང་བའི་དབང་དུ་སོང་ན། སེམས་ཅན་ཚང་མ་ལ་སྙིང་རྗེ་སྐྱེ་ཡ་ལ་བར་ཆད་འགྲོ་སྲིད། འོན་ཀྱང་། རང་ཕྱོགས་ལ་ཆགས་པའི་བརྩེ་བ་དེ་རིམ་པས་གཞན་ལའང་ཁ་བསྒྱུར་ཐུབ་ན་བར་ཆད་ལས་ལྡོག་སྟེ་མཐུན་རྐྱེན་དུ་ཡང་འགྲོ་བ་ཡོད་ཆོག །བྱས་ཙང་། བྱ་བ་གང་ཡིན་ཡང་བཟང་ཕྱོགས་ལ་བསྒྱུར་ཐུབ་ན་དཔེ་ཡག་པོ་རེད་བ།