རྩ་བ་གསུམ་པ།

མི་ཕལ་བ་དེ་ཚོ་ལ་ལསཀ་ལ་སོགས་པ་མང་པོ་ཡོད་རེད། ཐོས་བསམ་སྒོམ་ཡ་དུས་རྟག་ཏུ་བྱས་ཐུབ་ཀྱི་མ་རེད། རྒྱལ་སྲས་བྱང་ཆུབ་སེམས་པ་ལག་ལེན་གང་འདྲ་བྱས་དགོས་རེད། ཐབས་ལམ་ཅིག་ཤིད་དང་།

ལས་ཀ་གང་བྱེད་ནའང་ལྷག་བསམ་རྣམ་དག་དང་། དྲང་པོ་དྲང་གཞག། རང་གཞན་ལ་ཕན་ཐོག་ན་བསམ་པ་མ་ཚད། རྣམ་དཔྱོད་དང་ལྡན་པའི་སྒོ་ནས་ལས་ཀ་བྱས་ན་ཉམས་ལེན་ཡག་ཤོས་དང་། མ་མཐར་ཡང་གཞན་ལ་གནོད་པ་མེད་པའི་ལས་ཀ་བྱེད་ཐུབ་ན་ཉམས་ལེན་དེ་ལས་ལྷག་པ་མེད།