ཞེ་སྡང་གི་རྩ་བ་འདོད་ཆགས

༧རྒྱལ་བ་རིན་པོ་ཆེ་ཡིས་ཞེ་སྡང་གི་རྩ་བ་འདོད་ཆགས་རེད་ཞེས་གསུངས་པ་རེད། ཡིན་ན་ཡང་སློབ་ཚན་ནང་ལ་མ་རིག་པ་དེ་ཞེ་སྡང་གི་རྒྱུ་རེད་ཟེར་གྱི་འདུག དེ་གཉིས་ཁག་ཁག་ཡིན་པའི་རྒྱུ་མཚན་ག་རེ་རེད།

1 Like

དེ་གཉིས་འགལ་བ་ཡོད་མ་རེད། ཞེ་སྡང་གི་རྩ་བ་འདོད་ཆགས་དང་། འདོད་ཆགས་དེའི་རྩ་བའང་མ་རིག་པ་ཡིན་པས། མ་རིག་པ་ནི་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་ཡིན་ལ། གལ་སྲིད་མ་རིག་པ་སྤོང་ཐུབ་ན་ཉོན་མོངས་ཚང་མ་མེད་པ་བཟོ་ཐུབ།