ཐོས་བསམ་སྒོམ་གསུམ

ཐོས་བསམ་སྒོམ་གསུམ་སྐབས་སུ་ཐོས་ཟེར་བ་དེ་རྣ་བས་གོ་བ་ཙམ་ལ་ཟེར་གྱི་ཡོད་རེད་པས། གལ་ཏེ་གང་ཟག་ཞིག་གིས་རྣ་བས་གོ་ཐུབ་ཀྱི་མེད་ན་དཔེ་ཆ་ལྟ་ཀློག་བྱས་ཏེ་ཆོས་སྦྱང་པ་ཡིན་ན་དེ་ལ་ཐོས་ལབ་ན་འགྲིགས་ཀྱི་རེད་པས། སྒྲ་ལ་དབྱེ་ན་མིང་ཚིག་ཡི་གེ་གསུམ་རེད་ཟེར་གྱི་འདུག ཡི་གེ་ཡང་སྒྲ་ཡིན་པས་རྒྱུ་མཚན་ག་རེ་རེད།

1 Like

རྣ་བས་ཐོས་པ་ཙམ་མ་ཡིན་པ་དཔེ་ཆ་བལྟ་བ་སོགས་ལ་བརྟེན་ནས་ཀྱང་ཐོས་བྱུང་གི་ཤེས་རབ་སྐྱེ་པ་ཡོད། མིག་ཚིག་གཉིས་ཀྱི་བརྩམས་གཞི་གྱུར་པའི་སྐད་ཀྱི་གདངས་ཤིག་ལ་ཡི་གེ་ཟེར་བས་ཡི་གེ་སྒྲ་ཡིན།

བྱས་ན། དཔེ་མཛོད་ལ་ཡི་གེ་ཡོད་མ་རེད་དམ།

1 Like

སྐད་ཀྱི་གདངས་འདུག་ན་ཡི་གེ་ཡོད་རེད། དེ་མི་འདུག་ན་ཡི་གེ་ཡོད་མ་རེད། ཡིན་ནའང་དཔེ་ཆ་ཡོད་རེད།