གདུལ་དཀའ་བ། གཟུང་དཀའ་བ་སོགས་ལ་འགྲེལ་བཤད་ཁ་གསལ་ཞིག་གནང་རོགས།

དེ་ཁོ་ན་ལ་རྣམ་པར་ལྟ་བ་ལ་མི་ཕྱོགས་པ། མི་གཙང་བ་ལ་མངོན་དུ་ཕྱོགས་པ། གཙང་བ་ལ་མི་ཕྱོགས་པ། གདུལ་དཀའ་བ། གཟུང་དཀའ་བ། གནས་མེད་པ། རྟེན་མེད་པ། གསོག །གསོབ། སྐད་ཅིག་པ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ན།

གོང་གི་བརྗོད་པ་འདི་ལ་འགྲེལ་བཤད་ཁ་གསལ་ཞིག་རྒྱག་རོགས་གནང་།

གོང་གི་འདྲ་དཔར་སྟེང་བསྣུན་ན་ཚངས་པས་ཞུས་པའི་མདོ་ཆ་ཚང་ལ་གཟིགས་ཐུབ།

ཆོས་ཐམས་ཅད་ཀྱི་གནས་ལུག་དེ་ཁོ་ན་ཉི་ཀྱི་རྣམ་པར་བློ་ཡིས་ལྟ་བ་ལ་ཁ་ཕྱོགས་པ། མི་གཙང་བའི་རྫས་ངན་སུམ་ཅུའི་རང་བཞིན་བུ་མེད་མཛེས་མ་ལ་བློ་མངོན་དུ་ཕྱོགས་པ། རབ་ཏུ་བྱུང་བ་ཚངས་པར་སྤྱོད་པ་གཙང་ལ་བློ་ཁ་མི་ཕྱོགས་པ། གང་ཟག་དེ་གདུལ་དཀའ་བ། རྗེས་སུ་བཟུང་དཀའ་བ། སྡད་སའི་གནས་མེད་པ། རྒྱུ་གསོག་པ། རྒྱུ་གསོབ། སྐད་ཅིག་པ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ན།

1 Like