ཆོས་ཐམས་ཅད་སྟོང་པ་ཉིད།

སངས་རྒྱས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་རེད་གསུངས་པ་རེད། དེ་ནས་སུས་ཆོས་ཐམས་ཅད་མཐོང་གི་ཡོད་རེད།

1 Like

ཆོས་ཐམས་ཅད་བདེན་པས་སྟོང་ཡང་སངས་རྒྱས་ཀྱིས་སྟོང་པ་དེ་མཐོང་གི་ཡོད། ཁོང་གིས་མཐོང་བ་བཞིན་ང་ཚོ་ལ་ལམ་སྟོན་གནང་ཡོད།

1 Like

སངས་རྒྱས་ཀྱི་རང་བཞིན་ཡང་སྟོང་པ་ཉིད་རེད་པས།

སངས་རྒྱས་དང་སེམས་ཅན་གཉིས་བདེན་པར་གྲུབ་པའི་སྟོང་པ་ཡིན་མིན་ལ་ཁྱད་པ་གཏན་ནས་མེད། སངས་རྒྱས་ཀྱང་བདེན་གྲུབ་པའི་སྟོང་པ་རེད། བྱས་ཙང་སངས་རྒྱས་ཀྱི་རང་བཞིན་སྟོང་པ་རེད།