མི་དགེ་བ་བཅུ་།

ལུས་ངག་ཡིད་གསུམ་གྱི་ནང་ནས་སྡིག་པ་ཆེ་ཆུང་ཡོད་རེད་པས། གལ་སྲིད་མི་དགེ་བ་བཅུ་ནས་སྡིག་པ་ཆེ་ཤོས་ངག་གི་མི་དགེ་བ་ཡིན་ན་དེ་ནས་ངག་གི་མི་དགེ་བ་ནང་སྡིག་པ་ཆེ་ཆུང་གོ་རིམ་ཡོད་རེད་པས། གོ་རིམ་ཡོད་ན་རྒྱུན་མཚན་ག་རེ་རེད།

མི་དགེ་བ་བཅུ་པོ་ལ་སྡིག་ཆེ་ཆུང་བཤད་དཀའ་ཡང་། གང་སྦྱོར་དངོས་མཇུག་གསུམ་ཚང་བའི་མི་དགེ་བ་དེ་སྡིག་པ་ཆེ། གང་སྦྱོར་དངོས་མཇུག་གསུམ་མ་ཚང་བ་དེ་སྡིག་ཆུང་བ་རེད། ངས་བསམ་པ་ལ་ངག་གི་མི་དགེ་བ་བཞི་ལས་ངག་འཆལ་དེ་སྡིག་པ་ཏོག་ཙམ་ཆུང་བ་མེད་དམ། གང་ཡིན་ཟེར་ངག་འཆལ་དེས་གཞན་ལ་གནོད་པ་ཆུང་བས་ཅུང་སྡིག་ཆུང་བ་མེད་དམ། གང་ལྟར་རང་གཞན་ལ་གང་གནོད་ཚབ་ཆེ་བ་དེ་སྡིག་ཆེ་བ་དང་། གང་གནོད་ཚབ་ཆུང་བ་ཡོད་པ་དེ་སྡིག་ཆུང་བ་ཡིན།