དགེ་འདུན་དཀོན་མཆོག

དཀོན་མཆོག་གསུམ་ལས་དགེ་འདུན་དཀོན་མཆོག་ལབ་ན་གང་འདྲ་ཞིག་ལ་ངོས་འཛིན་དགོས་རེད།

དགེ་འདུན་དཀོན་མཆོག་ཟེར་ན་འཕགས་པའི་གང་ཟག་ཞིག་ལ་དགེ་འདུན་དཀོན་མཆོག་དང་། འཕགས་པ་ཟེར་ན་སྟོང་ཉིད་མངོན་སུམ་དུ་རྟོགས་ན་འཕགས་པ་ཟེར། དཔེར་ན། རྔུ་ཆུ་རྒྱ་སྲས་ཐོགས་མེད་བཟང་པོ་བཞིན། ཡིན་ན་ཡང་ང་ཚོས་སུས་སྟོང་ཉིད་མངོན་སུམ་རྟོགས་ཀྱི་ཡོད་མེད་ཧ་མི་གོ་བས་དགེ་འདུན་པ་དང་། མི་གཞན་པ་ཚང་མ་ལ་གུས་ཞབས་བྱེད་མ་ཐུབ་ནའང་སྨད་ར་གཏོང་མི་ཉན།