མི་ཞིག་གི་བྱེ་མ་ཞིབ་མོ་ཤིན་ཏུ་བསྲེགས་པ་ལག་པ་གཉིས་ཀྱི་ལ་སོགས་པའི་གོ་བ་ཇི་ལྟར་ལེན་དགོས།

[5a1]འཐུན་པའི་གནས་སུ་རྒྱུ་ལ་དྲན་པ་དང་ལྡན་པ་ཡིན་ཞིང་འདི་སྙམ་དུ་ཡང་སེམས་བསྐྱེད་དོ། །མི་ཞིག་གིས་བྱེ་མ་ཞིབ་མོ་ཤིན་ཏུ་བསྲེགས་པ་ལག་པ་གཉིས་ཀྱི་སྙིམ་པས་བླངས་ཏེ་མིག་བཀང་བ་ནི་སླའི། ཆགས་པའི་སེམས་ཀྱིས་ཡུལ་གྱི་བཟང་མོ་ལ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །

[5a2]དེ་ཅིའི་ཕྱིར་ཞེ་ན། བདག་ཡུལ་གྱི་བཟང་མོ་ལ་བལྟས་པས་ཡུན་རིང་པོར་ཕུང་ཞིང་བཅོམ་ལ་མ་རུང་བར་གྱུར་པའི་ཕྱིར་རོ་སྙམ་མོ། །

གོང་གི་དཔེ་འདི་གཉིས་ཀྱི་གོ་བ་ཅི་ལྟར་ལེན་དགོས།


འདྲ་དཔར་སྟེང་བསྣུན་ན་ཚངས་པ་ཞུས་པའི་མདོ་ཆ་ཚང་ལ་གཟིགས་ཐུབ།

བསྲེགས་པ་(ཚ་བོ།)
དམ་པའི་ཆོས་སྒྲུབ་པར་མཐུན་རྐྱེན་ཚང་བའི་ཡུལ་དུ་རྒྱུ་བའམ་འགྲོ་ཞིང་། དྲན་ཤེས་དང་ལྡན་པའི་ངང་ནས་བསམ་བློ་འདི་ལྟར་གཏོང་དགོས་ཏེ། བྱེ་མ་ཚ་བོ་ལག་པ་རེག་ན་བསྲེགས་པའི་ནུས་པ་དང་ལྡན་པ་དེ་ལག་པས་བླངས་ནས་མིག་གི་ནང་དུ་བླུག་པ་ལ་དཀའ་བ་ཅང་མེད་མོད། འདོད་ཆགས་ཀྱི་སེམས་ཀྱི་རང་གི་དགའ་རོགས་ལ་ལྟ་བ་ནི་ལས་སླ་བོ་མ་ཡིན་པ་སྟེ། ཉེས་པ་ཤིན་ཏུ་ཆེན་པོ། དེ་ཅིའི་ཕྱིར་ཞེ་ན། རང་གི་དགའ་རོགས་ལ་འདོད་ཆགས་ཀྱིས་བལྟས་པས་དུས་ཡུན་རིང་པོའི་བར་དུ་མ་རུང་བ་སྟེ་སྡུག་བསྔལ་དང་འཁོར་བའི་གནས་སུ་འཁྱམས་པའི་ཕྱིར་རོ། ། ཞེས་པའོ། །

2 Likes