འཇིག་རྟེན་དང་སྟོང་གསུམ་གྱི་ཁྱད་པར།

འཇིག་རྟེན་དང་སྟོང་གསུམ་གྱི་ཁྱད་པར་ག་རེ་རེད།

འཇིག་རྟེན་ལ་མཐའ་དང་གྲངས་མེད། སྟོང་གསུམ་ཟེར་ན་ཆོས་ལུགས་ཀྱི་གཞུང་༼མངོན་པ་མཛོད་༽ནས་བཤད་སྲོལ་ལ་གླིང་བཞི་གླིང་ཕྲན། ཉི་ཟླ། རྒྱུ་སྐར་བཅས་ཆ་ཡོངས་སུ་ཚང་བའི་འཇིག་རྟེན་ཁམས་སྟོང་ཕྲག་གཅིག་ལ་སྟོང་དང་པོའི་འཇིག་རྟེན་ཟེར་ཞིང། སྟོང་དང་པོ་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་པ་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཞེས་བཤོད་སྲོལ་ཡོད་པས་གྲངས་བགྲང་དུ་ཡོད་པས་ཁྱད་པ་ཡོད་ལ།