ཤེས་ཡོན་ཆེན་པོ་དང་སྐྱེས་བུ་ཆུང་ངུའི་ཁྱད་པར།

སྐྱེས་བུ་ཆུང་ངུ་ནི་ཚིག་མཛོད་ནང་ལོགས་ལ། ངན་སོང་ལ་སྐྲག་ཅིང་མཐོ་རིས་ཙམ་དོན་དུ་གཉེར་བའི་སྐྱེས་བུ་ཅེས་བྲིས་འདུག ཡིན་ན་ཡང་དེང་སང་ཕྱི་རྒྱལ་གི་མི་གི་བསམ་པ་ལ། མི་ཤེས་ཡོན་མང་པོ་ཡོད་ན་སྐྱེས་བུ་ཆེན་པོ་རེད་དྲན་གྱི་རེད། ཡིན་ན་ཡང་ངའི་བསམ་པ་ལ་ཤེས་ཡོན་མང་པོ་ཡོད་པ་དང་སྐྱེས་བུ་ཆེན་པོ་གཅིག་པ་མ་རེད།

མི་ཁ་ཤས་ཤེས་ཡོན་མང་པོ་ཡོད་ན་ཡང་སྐྱེས་བུ་ཆུང་ངུ་རེད་པས།

ཡོན་ཏན་ཆེ་ཆུང་དང་གཟུགས་པོ་ཆེ་ཆུང་སོགས་ལ་སྐྱེས་བུ་ཆེ་ཆུང་མི་ཟེར་ཡང་། སྐྱེ་བ་ཕྱི་མ་ངན་སོང་ཙམ་ལས་ཐར་བ་འདོད་པ་ལ་སྐྱེས་བུ་ཆུང་ངུ་དང་། འཁོར་བ་ལས་ཐར་བ་འདོད་པ་ལ་སྐྱེས་བུ་འབྲིང་། སེམས་ཅན་ཚང་མ་སངས་རྒྱས་པའི་ཆེད་དུ་རང་ཉིད་སངས་རྒྱས་འདོད་པ་ཞིག་ལ་སྐྱེས་ཆེན་པོ་ཟེར། ཤེས་ཡོན་མང་པོ་ཡོད་ན་ཡང་སྐྱེ་བ་རྗེས་མ་ངན་སོང་ལས་ཐར་མི་འདོད་ན་སྐྱེས་བུ་ཆུང་ངུ་ཡིན།