སྐྱེས་བུ་ཆུང་ངུའི་སྐོར།

ཨ་ར་པ་ཚ་ནང་ལོགས་ལ་སྐྱེས་བུ་ཆུང་ངུའི་ལམ་ལ་ཉམས་ལེན་བྱེད་པའི་དམིགས་ཡུལ་ངན་སོང་གསུམ་ལས་ཐར་ཏེ་ལྷ་དང་མི་ཆགས་ཡ་རེད་ཅེས་བྲིས་འདུག
ངའི་བསམ་པ་ལ་འདི་ཏོག་ཙམ་མཁྱེན་ཚ་པོ་འདུག གང་ཡིན་ཟེར་ན་ངའི་བསམས་པ་ལ་ལྷ་ལ་སྐྱེ་ཡོད་ན་འཁོར་བ་ལས་ཐར་འདོད་གི་མ་རེད། གང་ཡིན་ཟེར་ན་ལྷ་ཡུལ་ལ་རྟག་པར་ཚང་མ་ཡག་པོ་དང་སྐྱི་པོ་ཡོད་རེད། སླར་ཡང་ལྷ་ཡིས་ཚང་མ་བློས་གཏོང་གི་མེད་པ་རེད། དེ་ནས་སྐྱེས་བུ་ཆུང་ངུ་མི་ལ་སྐྱེས་ཡོད་ན་ཡག་ཤོས་རེད།

མི་ལུས་རིན་པོ་ཆེ་རེད། ལྷའི་ལུས་ཡང་རིན་ཆེན་རེད་པས།
ལྷ་ལ་སྐྱེ་ཡོད་ན་འཁོར་བ་ལས་ཐར་འདོད་གི་རེད་པས།
ལྷ་དང་མི་སྐྱེས་བ་གཉིས་ཀ་ཡག་པོ་འདྲ་རེད་པས།

གནས་གང་དུ་སྐྱིད་པོ་ཡོད་ན་ངེས་འབྱུང་སྐྱེ་དཀའ་ཡང་། ལྷ་ལ་ཡང་རིགས་མང་པོ་ཡོད་པས་འདོད་པའི་ལྷ་འཁོར་བ་ལས་ཐར་འདོད་སྐྱེ་བ་ཡོད་རེད། ལྷའི་ལུས་ཡང་བདེ་འགྲོའི་ལུས་རྟེན་ཡིན་པས་རིན་པོ་ཆེ་རེད་ཟེར་ཆོག བདེ་འགྲོ་ལྷ་དང་མིའི་ལུས་རྟེན་འདི་ལ་ང་རང་ཚོས་དམ་པའི་ཆོས་སློབ་སྦྱོང་དང་། ཉམས་ལེན་ཡག་པོ་བྱས་ནས་དོན་ཆེན་པོ་སྒྲུབ་ཐུབ།