གང་བེད་སྤྱོད་གཏོང།

གང་བེད་སྤྱོད་ག་འདྲ་གཏོང་དགོས་རེད།

གང་ལབ་ན་ཚང་མ་ལ་བྲིས་ན་འགྲིག་གི་རེད། དཔེར་ན། སེམས་ཅན་འདི་གང་རེད། ཅ་ལག་འདི་གང་རེད། ཁྱེད་རང་གང་ནས་ཡིན། ཁྱེད་རང་འདི་ལ་གང་ཡིན། (གང་ནི་ཚང་མར་འཇུག སུ་ནི་མི་ལ་འཇུག ཅི་དང་ཇི་ནི་མང་ཆེ་བ་ཅ་ལག་ལ་འཇུག )

གང་ཞེས་པ་ནི་བྱ་མིང་དང་། ཕྲད་གཉིས་སུ་འཇུག་པ་ཡིན་ནོ།།

གང་བེད་སྤྱོད་གཏོང་སྟངས་ནི། མིང་དང་བྱ་བ་སོགས་ཀྱི་མཐའ་ལ་འབྲི་དགོས། དཔེར་ན། ཁྱོད་ཀྱི་དགེ་རྒན་ལ་ཤེས་ཡོན་གང་འདྲ་ཡོད་རེད། སྨྱུ་གུ་ཡག་པོ་འདི་འདྲ་གང་ནས་ཉོ་རྒྱུ་རག་གི་འདུག །འདི་གཉིས་གང་བྲིས་ན་ཡག་གི་རེད།