འགྱུར། སྒྱུར།

ཚིག་བཅད་༤ འཕེལ་འགྱུར། ཉམས་འགྱུར། སྙིང་རྗེ་མེད་པར་སྒྱུར་བྱེད།

འགྱུར། = རང་བཞིན་ངང་འགྱུར་བ་འགྲོ་བ་ལ་ཟེར།

དཔེར་ན། 1) སང་ཉིན་གནམ་གཤིས་འགྱུར་ས་རེད། 2) ངའི་གྲོགས་པོ་སྔོན་མ་ཡག་པོ་ཡོད་རེད། ཡིན་ན་ཡང་། ད་ལྟ་འགྱུར་བ་སོང་འདུག

སྒྱུར།=ཆེད་དུ་འགྱུར་བ་གཏོང་བ་ལ་ཟེར།
དཔེར་ན། ངས་སྔོན་མ་འཁྲུག་པ་མང་པོ་རྒྱག་གི་ཡོད། གོམས་གཤིས་ཡག་པོ་མེད། ཡིན་ན་ཡང་། ད་ལྟ་གོམས་གཤིས་སྒྱུར་གི་ཡོད། ཡང་ན། (ད་ལྟ་གོམས་གཤིས་འགྱུར་བ་གཏོང་གི་ཡོད། )

སྒྱུར་བྱེད་འབྲེལ་ལས་ཚིག་རེད།
འགྱུར་བྱེད་མེད་ལས་ཚིག་རེད།

དོན་དག་གཉིས་ཀ་འདྲ་པོ་རེད།