མེད་པ་དང་ཡོད་པ་

མེད་པ་དང་ཡོད་པ་བེད་སྤྱོད་ག་འདྲ་གཏོང་དགོས་རེད།

མེད་པ།

དཔེར་ན།

བོད་ལ་རྒྱ་མཚོ་མེད་པ་རེད། ཡང་ན། བོད་ལ་རྒྱ་མཚོ་ཡོད་མ་རེད། འདི་གཉིས་གཅིག་པ་རེད།

མི་ལ་རྭ་ཅོ་མེད་པ་རེད། ཡང་ན། མི་ལ་རྭ་ཅོ་ཡོད་མ་རེད། འདི་གཉིས་གཅིག་པ་རེད།

ཡོད་པ།

དཔེར་ན།

རྒྱ་མཚོ་ནང་ལ་སེམས་ཅན་མང་པོ་ཡོད་པ་རེད། ཡང་ན། རྒྱ་མཚོ་ནང་ལ་སེམས་ཅན་མང་པོ་ཡོད་རེད། འདི་གཉིས་གཅིག་པ་རེད།

བ་ཕྱུགས་ལ་རྭ་ཅོ་ཡོད་པ་རེད། ཡང་ན། བ་ཕྱུགས་ལ་རྭ་ཅོ་ཡོད་རེད། འདི་གཉིས་གཅིག་པ་རེད།

བེད་སྤྱོད་འདི་འདྲ་བྱས་ན་འགྲིག་གི་རེད།