རྗེས་སུ་ཆགས་པའི་འདོད་ཆགས། -2

རྗེས་སུ་ཆགས་པའི་འདོད་ཆགས།

ཆགས་པ་དག་རྗེས་ཆགས་ལ་ཁྱེད་པར་གང་ཡོད།

ཆགས་པ་ཙམ་ནི་སེམས་ཅན་ཚང་མ་ཡོད་ཀྱང། འདིའི་སྐབས་སུ་རྗེས་སུ་ཆགས་པ་ནི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཡོད་དོ་ཅོག་ལ་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པར་སྡུག་བསྔལ་དེ་དག་དང་བྲལ་ན་ཅི་མ་རུང་། བྲལ་བར་ཤོག བྲལ་བ་བདག་གིས་བྱའོ་བསམ་པའི་བརྩེ་བ་སྙིང་རྗེ་ཆེ་པོ་ལ་རྗེས་ཆགས་མིང་གིས་གསུང་པ་ཡིན་པས་ཁྱད་པ་ཆེ།

ཆགས་པ་དང་རྗེས་སུ་ཆགས་པ་ཟེར་ན། ཆགས་པ་དང་ལྷག་པར་ཆགས་པ་ཟེར་གྱི་ཡོད། འདིའི་སྐབས་སུ་རྙིང་རྗེ་ལ་ཆགས་པའི་མིང་གིས་བསྟན་ནས་གསུང་པས། ཆགས་པ་སྙིང་རྗེ་ཙམ་དང་། རྗེས་སུ་ཆགས་པ་ནི་དམིགས་མེད་རྟོགས་པའི་བློ་ཡིས་དྲངས་པའི་སེམས་ཅན་ལ་ལྷག་པར་སྙིང་རྗེ་བའི་སྙིང་རྗེ་ཞེས་སྙིང་རྗེ་ལ་ཆགས་པའི་མིང་གི་ཐོག་ནས་གསུང་གི་ཡོད།