བདག་ཉིད་ཕྱི་ནང་གི་དཀྱིལ་འཁོར་དུ་འཇུག་པ་-2

བདག་ཉིད་ཕྱི་ནང་གི་དཀྱིལ་འཁོར་དུ་འཇུག་པ་

དེའི་དོན་ནི། དབང་བསྐུར་མཁན་གྱི་བླ་མ་ལ་མ་བརྟེན་ནས་རང་རང་གིས་དཀྱིལ་འཁོར་དུ་འཇུག་པ་ཡིན་པས།

འདི་ནི་དབང་ཞུ་བའི་རྗེས་སུ་ལས་རུང་ཚད་ལྡན་སྔོན་དུ་སོང་ཟིན་ནས་བདག་འཇུག་ལེན་པའི་སྐབས་སུ་སོ་སོ་རང་ཉིད་ཕྱི་ནང་གི་དཀྱིལ་འཁོར་དུ་འཇུག་ནས་དབང་བཞི་ལེན་གྱི་ཡོད་པ་དེ་ལ་གསུང་གི་འདུག །

རེད། སྤྱི་བཏང་དབང་མ་ཞུས་པར་རང་ཉིད་དཀྱིལ་འཁོར་དུ་འཇུག་མི་ཆོག་ཀྱང་། འདི་ནི་དང་པོ་བླ་མ་ལས་དབང་ཞུས་ཟིན། དེའི་རྗེས་སུ་བླ་མ་མེད་ནའང་། བདག་འཇུག་ལེན་པའི་སྐབས་སུ། རང་ཉིད་ཕྱི་ནང་གི་དཀྱིལ་འཁོར་དུ་འཇུག་ཆོག་པ་གསུངས།