བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མ་སྐྱེས་པ་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །-2

བུད་མེད་དང་ནི་སྐྱེས་པའི་ལུས། །ལས་ནི་དུ་མ་སྐྱེས་པ་སྟོན། །མི་ཤེས་པས་ཀྱང་མི་བྱ་སྟེ། །སྐུ་ཡི་རྡོ་རྗེའི་དམ་ཚིག་གོ །

དོན་གསལ་པོ་མིན་འདུག ལུས་དེ་ལ་བརྟེན་ནས་ལས་དུ་མ་སྐྱེས་པའམ། ལུས་དེ་ལས་དུ་མ་ལས་སྐྱེས་པ་ཡིན་ནམ།

ངས་གོ་བ་བྱས་ན་སངས་རྒྱས་དང་བྱང་ཆུབ་སེམས་པ་དེ་དག་གིས་བུད་མེད་དང་སྐྱེས་པའི་ལུས་སུ་སྐྱེས་པའི་བྱ་བའམ་སྐྱེས་པའི་རྣམ་པ་དུ་མར་སྟོན་པ་དང་། གཉིས་ནས་་སེམས་ཅན་ཐམས་ཅད་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན་ཡིན་པས་འགྲོ་བ་རིགས་དྲུག་ཏུ་གཏོགས་པའི་སྐྱེས་པ་དང་བུད་མེད་ཀྱི་ལུས་གང་ལའང་ཤེས་བཞིན་དང་། ཤེས་བཞིན་མ་ཡིན་པའི་ནས་བརྙས་པ་མི་བྱ་བ་སྐུ་རྡོ་རྗེའི་ལམ་ཚིག་ཡིན་ཞེས་པའི་དོན་ནོ