ཕྱི་དྲོའི་ཁ་ཟས་-2

ལས་ཀྱི་ཆོ་ག་གི་ཡ་གྱལ་གཅིག་ཡིན་ནམ།

འདིའི་སྐབས་སུ་ལས་ཀྱི་ཆོ་ག་ཟེར་དུས་སྤྱི་དགེ་འདུན་ཚོགས་ནས་ལས་ཀྱི་ཆོ་ག་བྱེད་པ་དེ་འདྲ་མ་རེད། འདིའི་སྐབས་སུ་ལས་ཀྱི་ཆོ་ག་ཟེར་དུས་འདུལ་བའི་ནང་དུ་མི་རིགས་པ་པ་བཀག་ཅིང་རིགས་པ་རྗེས་སུ་སྒྲུབ་པས་ན་ཆོ་ག་ཟེར་བ། དེ་ཡང་དགེ་ཚུལ་སློང་གིས་ཕྱི་དྲོའི་ཁ་ཟས་ཟ་ཆོག་གི་མ་རེད་གསུངས་ནས་སངས་རྒྱས་ཀྱི་བཅས་པ་མཛད་པ་རེད། དེའི་བཅས་པ་དེས་མི་རིགས་པ་བཀག་ཅིང་རིགས་རྗེས་སུ་སྒྲུབ་པས་བཅས་པ་དེ་ལ་ཆོ་ག་ཟེར་བ་རེད།