གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ད-2

ཕྱོགས་བཞི་ཡི་སངས་རྒྱས་དང་འབྲེལ་བ་ཡོད་དམ། དཔེར་ན་ཤར་ཕྱོགས་ལ་འགྲོ་ན་སངས་རྒྱས་མི་བསྐྱོད་པ་ལ་ཕྱག་འཚལ་དགོས་པ་རེད་དམ། ཡང་ན་སྤྱིར་གང་འགྲོ་ན་སྐུ་འདྲ་མཇལ་ལ་དེ་ལ་ཕྱག་འཚལ་དགོས་པ་རེད།

འདི་ལ་དཔེ་ཆ་གཞན་འདུལ་བ་དེ་ཚོའི་ནང་དུའང་ཕྱོགས་གང་དུ་འགྲོ་ན་ཕྱོགས་དེའི་སྐྱབས་གནས་ལ་ཁྱད་པར་དུའང་སྐྱབས་སུ་འགྲོ་བ་ལ་བསླབ་ཟེར་ནས་གསུངས་འདུག ད་དུང་འདིའི་ནང་དུ་ཇོ་བོ་རྗེས་གསུངས་པ་གསུངས་འདུག་པས་ཇོ་བོས་གང་དུ་གསུངས་ཡོད་པ་དང་། གསང་སྔགས་ཀྱི་དབང་ཞུ་དུས་དཀྱིལ་འཁོར་གྱི་ཕྱོགས་སོ་སོ་ནས་ཕྱོགས་དེ་དང་དེའི་སངས་རྒྱས་གཙོ་བོ་བྱས་ནས་ཕྱག་འཚལ་བ་ཞིག་ཡོད་པ་དེ་དང་འདྲ་བ་ཞིག་ཡིན་ནམ། དེ་འདྲ་ཡིན་ན་ཁྱེད་ཀྱིས་གསུང་པ་ལྟར་ཤར་དུ་མི་བསྐྱོད་པ་དང་ལྷོ་རིན་འབྱུང་སོགས་དང་དེ་དང་དེའི་སྐུ་འདྲ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་གོ་ཆོག །འོན་ཀྱང་ད་ལྟར་ང་རང་གསལ་པོ་མི་འདུག་པས་གཞན་དང་གཞན་ལ་སྐད་ཆ་དྲིས་ཡོད་པས་གསལ་པོ་བྱུང་མཚམས་སུ་ལན་སླར་ཡང་འབྲི་ཆོག

འདིར་རྗེ་ཙོང་པའི་ལམ་རིམ་ཆེན་མོ་ལས། ཕྱོགས་གང་དུ་འགྲོ་ཡང་དེའི་དེ་བཞིན་གཤེགས་པ་ལ་སྐྱབས་སུ་འགྲོ་བ་ལ་བསླབ་ཅེས་པའི་བསླབ་བྱ་ཞིག་གོང་མ་རྣམས་གསུང་སྟེ་ཁུངས་མ་མཐོང་ངོ། གསུངས་འདུག །བྱས་ཙང་ང་ཚོས་འདིའི་ཁུངས་གང་ཡིན་འཚོལ་དགོས་འདུག །འོན་ཀྱང་དོན་ནི། ཕྱོགས་བཅུ་མུན་སེལ་དང་། ལམ་རིམ་ཆེན་མོ་དང་། ཤེས་བྱུ་ཀུན་ཁྱབ་མཛད། འདུལ་བ་སོགས་གང་ལ་བལྟས་ཀྱང་ཁྱེད་རང་གིས་གསུང་པ་ལྟར་ཤར་གྱི་མི་བསྐྱོད་པ་དང་། ལྷོར་རིན་འབྱུང་སོགས་ལ་སྦྱོར་ཆོག་སྙམ། དུ་དུང་། གསུང་ཚུལ་གཞན་ཞིག་ན། རང་ཉིད་ཐེག་དམན་གྱི་ཆོས་ལུགས་དར་ས་ཞིག་དུ་སླེབས་ན། དེའི་དཀོན་མཆོག་ལ་ཁྱད་བསད་མི་གནང་བར་སྐྱབས་སུ་འགྲོ་བ་དང་། དེ་བཞིན། ཐེག་ཆེན་དང་གསང་སྔགས་སོགས་དེ་དང་དེ་དར་ས་སླེབས་ན་དེ་དང་དེའི་དཀོན་མཆོག་ལ་སྐྱབས་སུ་འགྲོ་དགོས་པ་གསུང་ཚུལ་ཡང་འདུག