དེ་དག་-2

ངེས་པ་ལྔ་དང་བར་ཆད་བཞི་པོའམ་བར་ཆད་བཞི་ཙམ་གྱིས་ཁྱིམས་པ་ལ་ངེས་པ་མེད་པ།

དེ་ཡང་སོ་ཐར་རིགས་བདུན་ལས་དགེ་སློང་ཕ་མ་གཉིས་དང་དགེ་སློབ་མའི་སྡོམ་པ་ལ་ངེས་པར་ལྔ་དང་བྲལ་ཞིང་བར་ཆད་བཞི་དང་མི་ལྡན་པ་ཞིག་དགོས། དགེ་ཚུལ་ཕ་མ་གཉིས་ལ། ངེས་པར་ལྔ་ལས་ཆ་འདྲ་ཞིག་དང་། བར་ཆད་བཞི་དང་བྲལ་བ་ཞིག་དགོས། ངེས་པར་ལྔ་དང་བྲལ་ཞིང་། བར་ཆད་བཞི་དང་མི་ལྡན་(དེ་དག)དགེ་བསྙེན་ཕ་མ་གཉིས་ཏེ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་གཉིས་ལ་ནི་ངེས་པ་ལྔ་ལས་དུས་དང་ཚེ་ངེས་པ་དང་བྲལ་བ་ཞིག་དགོས་ཀྱང་ངེས་པར་གཞན་དང་བྲལ་བ་ངེས་པར་དུ་མི་དགོས་ཤིང་། བར་ཆད་བཞི་རེ་རེ་ནས་ཀྱང་བྲལ་བ་མི་དགོས་པའི་དོན་དང་། ངེས་པ་ལྔ་ནི། སེམས་ཅན། ཡན་ལག ཡུལ། དུས། ཚེ་ལྔ་དང་། བར་ཆད་བཞི་ནི། སྡོམ་པ་སྐྱེ་བ་དང་། གནས་པ། ཁྱད་པར་དུ་འགྱུར་བ། མཛེས་པའི་བར་ཆད་བཅས་བཞིའོ།།