སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཁྱད་པར་ཡོད་དམ།

imageསྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོདང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཁྱད་པར་ཡོད་དམ།

སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འཁོར་ལོ་སྒྱུར་རྒྱལ་གཉིས་ལ་ཁྱད་པར་ནི། སྤྱི་བྱེ་བྲག་གི་ཁྱད་པར་ཡོད་པར་སྣང་སྟེ།
འཁོར་ལོ་སྒྱུར་རྒྱལ་པོ་ནི་སྤྱིར་དང་། བྱེ་བྲག་དེའི་ལོངས་སྤྱོད་མི་རྫོགས་པའི་ཕྱིར། སྟོབས་ཀྱི་འཁོར་ལོ་སྒྱུར་བ་ཞེས་བྱ་སྟེ། ཆོས་རྒྱལ་ཀ་ནི་ཀ་དང་མྱང་ངན་མེད་ལྟ་བུ་བཞག་འདུག

1 Like

སྟོབས་ཀྱི་འཁོར་སྒྱུར་ནི་དམག་གི་ཤུགས་ལ་མ་བརྟེན་པར་བསོད་ནམས་སམ་ལས་ཀྱི་དབང་གིས་རྒྱལ་པོར་གྱུར་བ་དང་། དབང་གིས་འཁོར་ལོས་བསྒྱུར་བ་ནི་དམག་ལ་བརྟེན་ནས་དབང་དུ་བསྒྱུར་བ་ལ་བྱེད་པར་སྙམས་ལགས།

འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་རྣམ་གྲངས་མང་པོ་འབྱུང་བ་ཡིན། གསེར་དང་། དངུལ་དང་། ཟངས་དང་། ལྕགས་ཀྱི་འཁོར་བསྒྱུར་སོགས་རྒྱ་གར་གྱི་གཞུང་རྣམས་སུ་ཡོད་ཅིང་། ཆེ་ཤོས་ནི་གསེར་། རིམ་པ་བཞིན་དམའ་བར་ཟངས་དང་ལྕགས་གཉིས་དམག་ལ་བརྟེན་པ་དང་། གསེར་དངུལ་གཉིས་དམག་ལ་མི་བརྟེན་ཅིང་། མངའ་ཁུངས་ལ་ཆེ་ཆུང་ཡོད་ཚུལ་ཞིག་བཤད་ཡོད།