དབྱིག་དགའ།

དབྱིག་དགའི་རྟོགས་པ་བརྗོད་པའི་སྐབས་ཀྱི་དབྱིག་དགའ་ཞེས་པ་ཇི་ལྟར་གོ་དགོས།

  1. ནོར་བུ་རིན་པོ་ཆེ་ལ་དགའ་བ།
  2. ནོར་བུ་རིན་པོ་ཆེ་དང་དགའ་བ།
  3. ནོར་བུ་རིན་པོ་ཆེས་རྐྱེན་པས་དགའ་བ་བསྐྱེད་པ།

«ལས་བརྒྱ་པ་» (D, fol. 3a1): དེའི་ཚེ་ཝཱ་ར་ཎཱ་སཱི་ན་དེད་དཔོན་དབྱིག་ཅེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡང་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ […] དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་དབྱིག་གི་བུ་ཡིན་གྱི། ཁྱེའུ་འདིའི་མིང་དབྱིག་དགའ་ཞེས་གདགས་སོ་ཟེར་རོ། །”ཞེས་དབྱིག་དགའི་རྟོགས་བརྗོད་རང་ལས་འདི་ལྟར་འབྱུང་བ་ལྟར་བྱས་ནས། “ཕྱུག་པོའི་དགའ་བ་” ཞེས་བཞག་ནས་ལོ་རྒྱུས་དང་ཡང་འབྲེལ། ཡང་ན། “ནོར་དགའ་” ཞེས་ཚིག་བསྡུས་ནས་བཞག་རུང་ངམ་སྙམ། འོན་ཀྱང་བརྟག་པར་འཚལ།