ཞུས་པ། ་་་ལ་གཟིགས། བཀའ་བཙལ་པ།

མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་བཙལ་པ། ཞེས་པའི་དོན་ཅི།

དཔེར་ན། [འདུལ་བ། ཁ 112b]

དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བྲམ་ཟེ་འདིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་དང་། བཅོམ་ལྡན་འདས་ཀྱིས་རང་བྱང་ཆུབ་ཏུ་ལུང་བསྟན་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དག���་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི་་་་

ཕལ་སྐད་ནང་དུ་དེའི་དོན་གསུང་འཚལ།

འདིའི་སྐབས་སུ་གཟིགས་ཞེས་པ་དེ་ལྟོས་ཞེས་པ་དང་དོན་གཅིག་ཡིན་ལ། བརྗོད་དོན་ནི། བརྗོད་གཞི་འམ་གླེང་གཞི་ཞིག་བཏོན་ནས་དེ་ལ་བློ་གཏོད་པའམ་བསམ་ལྟོས་ཞེས་པའི་དོན་ཡིན་ནམ་སྙམ།