གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ།

  1. གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། དེའི་མིང་གཞན། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ།
  2. གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། དེའི་རྗེས་སུ། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ།
  3. གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་ལ་བཀོད་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ

འདི་ལ་བཅད་མཚམས་མི་འདྲ་བ་འགའ་ཙམ་སྣང་སྟེ། «ལས་བརྒྱ་པ་»རང་ལས། ༡ གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ། ༢ གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ།
༣ གཡུང་དྲུང་གི་མཐར་ཐུག་པའི་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ། ཞེས་རྣམ་པ་གསུམ་ཙམ་བྱུང་བ་མཐོང་། འདི་ལ་གཡུང་དྲུང་ཞེས་པ་ནི་རྟག་པའི་དོན་ལ་གོ་བར་སེམས། མི་འགྱུར་བ་སྐྱེ་འཆི་དང་བྲལ་བ་འགྱུར་བ་མེད་པའི་རང་བཞིན་ཅན་ཞིག དེ་ལ་མཐར་ཐུག་པ་ཞེས་པ་ནི། དོན་གཉིས་ལ་འགྲེལ་རུང་། དཔེར་ན་རྟག་པའི་མཐར་ཐུག་འགོག་བདེན་ཐར་པ། ཉི་ཚེ་བའི་གནས་སྐབས་ཀྱི་རྟག་པ་ནམ་མཁའ་ལྟ་བུ་ལས་ལྷག་པའི་ཆོས་ཡིན་པས་སོ། །དེ་ལྟ་བུས་རྟག་པ་དམ་པ་གཏན་གྱི་བདེ་བ་དེ་མྱ་འདས་ཀྱི་ཁྱད་ཆོས་སུ་བརྗོད་ནས་དེ་ལ་བཀོད་པའམ་དེའི་སར་འཇོག་པ། ཞེས་པ་སྐབས་དོན་དང་ཡང་འགྲེལ་ལམ་སྙམ།