དུས་རླབས།

རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །
དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །
གདུལ་བར་བྱ་བའི་སྲས་རྣམས་ལ། །
སངས་རྒྱས་དུས་ལས་ཡོལ་བ་མེད། །

དུས་རླབས་ནི་དུས་ཀྱི་་བ་གོ་སྙམ། སྐབས་འདིར་ཡང་དབྱར་དགུན་སོགས་ཀྱི་དུས་ཀྱི་འགྱུར་བ་ལ་གོ་བ་འདྲ་བོ་འདུག

1 Like

ཚིག་མཛོད་ལས་བྱུང་བ་ལྟར། དུས་སྐབས་ཀྱི་འགྱུར་ལྡོག་རྒྱ་མཚོ་སོགས་ཆུའི་རླབས་ཀྱི་གཟུགས་སུ་བཀོད་པ་དེ་གསལ་པོ་འདུག་སྙམ།
དེ་ཡང་དུས་རླབས་འདྲ་མིན་སྣ་ཚོགས་བྱུང་ཞེས་པ་དུས་བཟང་ངན་སྐྱིད་སྡུག་མཐོ་དམན་ལ་སོགས་པའི་དོན་དེ་རྒྱ་མཚོའི་རླབས་ཀྱིས་དཔེས་མཚོན་པར་བྱས།

1 Like

གོང་གི་ཚིག་བཅད་ཀྱི་དོན་ལ། སྤྱིར་རྒྱ་མཚོ་གནས་པ་དེ་སྲིད་དུ་དེའི་འགྱུར་བའམ་རླབས་ཡོད་དགོས་ལ། མེད་མི་སྲིད་པ་དེ་ཡོལ་བའམ་མེད་པར་གྱུར་སྲིད་ཀྱང་། སངས་རྒྱས་རྣམས་ཀྱིས་རང་གི་གདུལ་བྱ་སྲས་རྣམས་ལ་དུས་ལས་ཡོལ་ཏེ་མ་གཟིགས་པའམ་དེའི་དོན་མ་མཛད་པའི་དུས་མི་སྲིད། ཅེས་པའི་དོན་ལ་འགྲེལ་ཆོག་གམ་སྙམ།

1 Like