ཁ་ནས་འདོན་ནམ། ཡིད་ལ་བྱེད།

གསུང་ཆོས་གནང་མཁན་གཅིག་གིས་དྲི་བ་ལ་ལན་སྐྱོན་དུས། འགྱོད་བཤགས་དང་དགེ་བ་བསྔོ་བ་བྱེད་སྐབས། ཁ་ནས་མ་འདོན་ན་ཡིད་ལ་བྱེད་ན་འགྲིག་གི་རེད་ཅེས་གསུངས།

གསུང་ཆོས་གནང་མཁན་གཅིག་གིས་སེམས་ཅན་སོགས་ལ་ཕན་ཆེད་སྔགས་འདོན་དུས། ཡིན་གཅིག་མིན་གཅིག་ཁ་ནས་འདོན་ལ་བྱ་བའི་ཡུལ་གྱི་སེམས་ཅན་གྱིས་གོ་ཐུབ་པ་བྱེད་དགོས་ཞེས་གསུངས།

བསྒྲུབ་བྱ་དེ་དག་ཁ་ནས་འདོན་ནམ་ཡིད་ལ་བྱེད་གཉིས་ལ་ཁྱད་པར་ཡོད་དམ།

1 Like

འོ་རེད། ཁ་ནས་འདོན་པ་ནི་གང་འདོན་པ་དེ་ཞལ་ནས་སྒྲ་ལྷང་ལྷང་གྲགས་ནས་འདོན་པ་དང་། ཡིད་ལ་བྱེད་པ་ནི་ཞལ་ནས་སྒྲ་གྲགས་མིན་ཇི་ལྟར་ཡང་འདོན་བྱའི་སྔགས་སོགས་ཀྱི་ཚིག་དོན་རྣམས་སེམས་ལ་བསམ་པའམ་ཡིད་ལ་ཤར་བ་ཞིག་ལ་ཟེར། སྒྲ་གྲགས་མིན་ལ་ཁྱད་པ་མེད། གང་ལྟར་འདོན་པའི་སྒྲ་སེམས་ཅན་ལ་གོ་བ་བྱེད་ཚེ་སེམས་ཅན་དེའི་སེམས་རྒྱུད་ལ་བག་ཆགས་ཁྱད་པ་ཅན་འཇོག་གི་ཡོད་པ་སློབ་དབྱིག་གཉེན་གྱི་འདོན་པའི་སྒྲ་བྱིའུ་ཞིག་གིས་ཐོས་ནས་བག་ཆགས་འཇོག་པའི་ལོ་རྒྱུས་ཡོད་པ་བཅས་ཀྱི་དགེ་མཚན་ཆེ། །

1 Like