འབྲུ་རིགས་ལ་སྐྱེས་པའི་འབུ།

འབྲུ་རིགས་ལ་སྐྱེས་པའི་འབུ་འགྲོ་བ་རིགས་དྲུག་ནང་གསེས་ཀྱི་འདུད་འགྲོ་ཡིན་ནམ། རྫུས་ཏེ་སྐྱེས་པའི་རིགས་ཡིན་ནམ། རིགས་འདི་འདྲ་ལ་སྐྱེ་བའི་རྒྱུ་མདོ་དང་དམ་པའི་གསུང་ལས་གསུངས་ཡོད་དམ།

1 Like

འབྲུ་རིགས་ལ་སྐྱེས་པའི་འབུ་རྣམས་འགྲོ་བ་རིགས་དྲུག་གི་ནང་ནས་དུད་འགྲོ་དང་། སྐྱེས་གནས་བཞིའི་ནང་ནས་མངའ་སྐྱེས་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་སྐྱེས་ཀྱི་རིགས་གསུམ་ཡོད་ཆོག་གི་རེད་སྙམ། སྤྱི་བཏང་གི་མི་དུད་འགྲོ་ལ་སྐྱེས་གནས་བཞི་ཀ་ཡོད་པ་སློབ་དཔོན་དབྱིན་གཉེན་གྱིས་མཛོད་ལས། སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡོད། །ཅེས་གསུངས་ཡོད། འོན་ཀྱང་། རིགས་ལམ་ནས་བསམ་བློ་བཏང་ན་འབྲུ་རིགས་སྐྱེས་པའི་འབུ་ལ་གོང་གི་སྐྱེས་གནས་གཞན་གསུམ་གང་རུང་ལས། རྫུས་སྐྱེས་མིན་སྙམ།

1 Like