ཡ་ཡ། ་་་་

ཡ་ཡ་ཟེར་བའི་ལབ་སྲོལ་འདི། ནུབ་ཕྱོགས་ལུང་པ་སོགས་ཀྱི་སྐད་ཡིག་གི་ཤུགས་རྐྱེན་ནས་བྱུང་བའི་ལབ་སྟངས་ཡིན་ནམ། སྐད་ཡིག་གཞན་དང་མ་འབྲེལ་བའི་བོད་སྐད་ལབ་སྟངས་ཡིན་ནམ།

1 Like

འདི་ནི་སྐད་ཡིག་གཞན་གྱིས་ཤུགས་རྐྱེན་ཞིག་མ་རེད། བོད་རང་ལའང་ཡ་ཡ་ཟེར་བའི་ལབ་སྲོལ་ཡོད། དཔེར་ན། སྐད་ཡིག་གཞན་གྱིས་ཤུགས་རྐྱེན་གང་ཡང་མེད་ས་ངའི་ཕ་ཡུལ་ལྟ་བུའང་ཡ་ཡ་ཟེར་ལབ་སྲོལ་ཡོད། དཔེར་ན། མི་ཞིག་གིས་ང་ལ་རོགས་པ་བྱེད་རོགས་བྱོས་ཨ་ཟེར་དུས། མི་གཞན་དེས་ཡ་ཡ་ཟེར་བ་ལྟ་བུའོ།།

1 Like