རྟགས་མཚན། མཚོན་རྟགས།

རྟགས་མཚན་དང་མཚོན་རྟགས་གཉིས་ཀྱི་གོ་དོན་དང་བེད་སྤྱོད་གཏོང་སྟངས་གང་ཡོད་དམ།

1 Like

རྟགས་མཚན་ནི་རྟགས་དང་མཚན་མ་ཞེས་པའི་དོན་དང་། དེ་ཡང་དོན་དག་ཞིག་ཧ་གོ་བར་བྱེད་པའི་རྒྱུ་མཚན་ཞིག་ལ་གོ། དཔེར་ན། རྒྱང་རིང་ནས་བལྟས་ཚེ། རི་ཕར་ཕྱོགས་ལ་མེ་ཡོད་ས་རེད། གང་ཡིན་ཟེར་ན་དུ་བ་འདུག་ག་ཟེར་བ་ལྟ་བུ། མེ་ཡོད་པའི་རྟགས་མཚན་དུ་དུ་བ་འདུག་ཟེར་བ་དང་། མཚོན་རྟགས་ལབ་ན། ཅ་ལག་གམ་དངོས་པོ་དེ་གང་ཡིན་ཤེས་པར་བྱེད་པའམ་མཚོན་པར་བྱེད་པ། དཔེར་ན། ཁ་པར་འདི་རྒྱ་ནག་ནས་ཐོན་པ་མ་རེད། རྒྱ་གར་ནས་ཐོན་པ་རེད། གང་ཡིན་ཟེར་ན་འདི་ལ་རྒྱ་གར་ནས་ཐོན་པའི་མཚོན་རྟགས་འདུག་ཟེར་བ་ལྟ་བུའོ།།

1 Like