རྒྱུ། འབྲས་བུ།

རྒྱུ་ཟེར་བ་དེ་འབྲས་བུ་ལ་བརྟེན་ནས་ཟེར་རམ།

འབྲས་བུ་སྨིན་མེད་ན་རྒྱུ་ཟེར་བ་ཡོད་དམ།

1 Like

དེ་ག་རང་རྒྱུ་གང་ཡིན་འབྲས་བུ་ལ་བརྟེན་ནས་འཇོག་དགོས་པ་དང་། འབྲས་བུ་གང་ཡིན་རྒྱུ་ལ་བརྟེན་ནས་འཇོག་པ་མ་གཏོགས། འབྲས་བུ་མེད་པའི་རྒྱུ་དང་། རྒྱུ་མེད་པའི་འབྲས་བུ་མེད། དཔེར་ན། བུ་ཕྲུག་མེད་པའི་ཕ་མ་དང་ཕ་མ་མེད་པའི་བུ་ཕྲུག་མེད་ཅེས་སྨྲ་དགོས། དེ་བཞིན་དུ་ཆོས་རྣམས་གཅིག་ལ་གཅིག་བརྟེན་གྱི་ཐོག་ནས་འཇོག་དགོས་པ་གཞན་ཡང་ཡོད་པ་ཤེས་དགོས།

སྡིག་པའི་ལས་བསགས་ནས། འབྲས་བུ་སྐྱེད་པའི་རྐྱེན་མ་ཚང་ན། སྡིག་པའི་ལས་ལ་གོ་དགོས་མ་གཏོགས་སྡུག་བསྔལ་གྱི་རྒྱུ་ལ་གོ་ཡི་མེད་བསམས་ན་འགྲིག་གམ།