རྒྱུ། རྒྱུ་མཚན།

རྒྱུ་དང་རྒྱུ་མཚན་གཉིས་ལ།

དོན་དང་བེད་སྤྱོད་གཏོང་སྟངས་ཁྱད་པར་གང་ཡོད་དམ།

1 Like

རྒྱུ་ཟེར་ན་འབྲས་བུ་གང་ཡང་རུང་བའི་སྐྱེ་བྱེད་དང་། རྒྱུ་མཚན་ལབ་ན་དོན་གང་ཡང་རུང་བ་ཞིག་ཡིན་པ་དང་། མིན་པ། ཡོད་པ་དང་། མེད་པ་བཅས་ཀྱི་སྒྲུབ་བྱེད་ཅིག་ལ་གོ། དཔེར་ན། རྒྱུ་དགེ་བ་ལ་བརྟེན་ནས་འབྲས་བུ་བདེ་བ་དང་། རྒྱུ་མི་དགེ་བ་བརྟེན་ནས་འབྲས་བུ་སྡུག་བསྔལ་འབྱུང་གི་ཡོད་པ་དང་། ང་ཚོའི་གཟུགས་པོ་འདི་ལོ་རེ་དང་། ཟླ་རེ། བདུན་རེ་དང་། ཉིན་རེ། ཆུ་ཚོད་དང་། སྐར་མ་བཅས་འགྱུར་བ་རྒྱུ་མཚན་དུ་བྱས་ནས། མི་རྟག་པ་རེད་བཅས་སྒྲུབ་པ་ལྟ་བུའོ།།

1 Like