མདོ་རྒྱུད་བསྟན་བཅོས་རྣམས་ལས་གསུངས་པའི་དོན།། དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས།།

ལག་ལེན་སོ་བདུན་མའི་མཇུག་དོན་ལས། གཞུང་འདིའི་ཁུངས་ཡོད་ཚུལ་སྐོར། གཞུང་འདིར་

  • རྒྱུད་ཀྱི་ཁུངས་གང་ཡོད་ས་རེད་དམ།

  • ཆོས་འཁོར་གསུམ་ཚང་མའི་དོན་ཚང་ཡོད་དམ། ལྷག་པར་དུ་ཆོས་འཁོར་གསུམ་པའི་རྟགས་མཚན་ཡོད་ས་རེད་དམ།

  • འདུལ་བའི་ཁུངས་ཡོད་ས་རེད་དམ།

དྲི་བ་འདི་ཏོག་ཙམ་ཁག་པོ་འདུག །བྱས་ཙང་ངས་རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་བ་མང་པོ་ཞིག་བཀླགས་ཡིན་ལ། དགེ་གཞན་པ་ལའང་སྐད་ཆ་དྲིས་ཡིན། ཡིན་ན་ཡང་མདོ་རྒྱུད་བསྟན་བཅོས་བྱེ་བྲག་པ་འདི་རེད་ཟེར་བ་ཞིག་རག་མ་སོང་། ཡིན་ཡང་ངས་བསམ་ན། སངས་རྒྱས་ཀྱི་གསུང་མདོ་རྒྱུད་བསྟན་བཅོས་ཡོད་ཚད་དངོས་སམ་བརྒྱུད་པའི་སྒོ་ནས་སྐྱེ་བུ་གསུམ་གྱི་ལམ་གྱི་རིམ་པ་མ་བསྟན་པ་ཞིག་མེད་ལ། ཁྱད་པར་དུ་འཁོར་ལོ་དང་པོས་སྐྱེ་བུ་འབྲིང་གི་ཆོས་སྐོར་མི་རྟག་པ་སོགས་དང་། འཁོར་ལོ་བར་བས་སྐྱེ་བུ་ཆེན་པོ་ཆོས་སྐོར་བདག་མེད་པ་དང་སྟོང་པ་ཉིད། ཕར་ཕྱིན་དྲུག་གི་ཉམས་ལེན་རྣམས་བསྟན་པ་དང་། གཟུགས་རྒྱལ་ནས་གསུང་པའི་འཁོར་ལོ་ཐ་མས་བདེ་གཤེགས་སྙིང་པོ་བསྟན་པ་སོགས་དང་། སྔགས་ཀྱི་སྐབས་སུ་སེམས་ཕྲ་མོ་བསྟན་པ་བཅས་མདོར་ན། མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཉམས་ལེན་དུ་བསྡུས་ནས་གསུངས་པ་ཡིན་པས། རྒྱལ་སྲས་ཐོགས་མེད་བཟང་པོ་རང་གིས་རང་བཟོ་བྱས་ནས་ཚིག་གཅིག་ཀྱང་གསུངས་མེད་པ་མ་ཚད། གང་གསུངས་པ་དེ་དག་མདོ་རྒྱུད་བསྟན་བཅོས་རྣམས་དང་མཐུན་པ་ཡིན་ཞེས་ཟེར་ན་ཡག་ག་མིན་འགྲོ།།

1 Like

ཐུགས་ཆེ་གནང་།