བསལ་བ། གསལ་བ།

རྩོད་གཞི། བསལ་བ།/གསལ་བ། རྟགས།

བསལ་བ་དང་། གསལ་བ།

གཉིས་ཀ་འགྲིག་གམ།

འདི་གཉིས་ལ་བསམ་འཆར་མི་མཐུན་པ་ཡོད་ན་སོ་སོར་རྒྱུ་མཚན་གང་ཡོད་དམ།

བསལ་བ་དང་། གསལ་བ། འབྲི་ཚུལ་མི་འདྲ་བ་ཡིན་ན་ཡང་རང་རང་ལ་རྒྱུ་མཚན་ཡང་དག་རེ་ཡོད་པས། འདི་ནོར་རེད། གཞན་དེ་འགྲིག་པ་རེད་ལབ་ཐུབ་ཀྱི་མ་རེད། དང་པོ་བསལ་བ་འབྲི་མཁན་རྣམས་ཀྱིས། དཔེར་ན། སྒྲ་ཆོས་ཅན། མི་རྟགས་ཏེ། སྐད་གཅིག་མ་ཡིན་ཕྱིར། ཞེས་པའི་རྟགས་སམ་རྒྱུ་མཚན་སྐད་གཅིག་མ་ལ་བརྟེན་ནས། ཆོས་ཅན་སྒྲ་དེ་མི་རྟག་པའི་ལྡོག་ཕྱོགས་རྟག་པ་ཡིན་པ་བློ་ཡུལ་བསལ་བའམ་བཀག་པས། བསལ་བ་ཞེས་འབྲི་དགོས་ཟེར། གཉིས་པ་གསལ་བ་འབྲི་མཁན་རྣམས་ཀྱིས། སྒྲ་ཆོས་ཅན། མི་རྟགས་ཏེ། སྐད་གཅིག་མ་ཡིན་ཕྱིར། ཞེས་པའི་རྟགས་སམ་རྒྱུ་མཚན་སྐད་གཅིག་མ་ལ་བརྟེན་ནས། ཆོས་ཅན་སྒྲ་དེ་མི་རྟག་པ་ཡིན་པ་བློ་ཡུལ་དུ་གསལ་པོ་བྱེད་པས། གསལ་བ་འབྲི་དགོས་ཟེར། གང་ལྟར། དཔེ་ཆ་རྣམས་སུ་གཉིས་ཀ་བྲིས་པ་ཡོད།

1 Like