ཞིང་ཁམས།

ཞིང་ཁམས་ལ་མ་འགྲོ་བ་དང་། མིའི་སྐྱེ་བ་ལེན་མཁན་གྱི་ཆོས་པ་ཡིན་ན། ངན་འགྲོ་ལ་ལྷུང་བ་སོགས་ཉེན་ཁ་འམ་བར་ཆེད་གང་འདྲ་ཟློག་དགོས་རེད།

གར་སྐྱེ་རང་དབང་ཡོད་པ་ཚོ་ཡིན་ན། རང་དབང་ཡོད་ཙང་མི་ལ་སྐྱེ་བསམ་ན་མི་ལ་སྐྱེས་ཆོག་གི་རེད་བ། གལ་སྲིད་གར་སྐྱེས་རང་དབང་མེད་པ་ང་ཚོ་ལྟ་བུ་ཡིན་ན། ཁ་ཞེ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡག་པོ་བསྲུངས་ནས། མི་ལ་སྐྱེས་བ་ལེན་འདོད་ཀྱི་འཕེན་པ་ཤུགས་ཆེན་པོ་བཏང་ན། ངན་འགྲོ་ལ་སྐྱེས་བ་ལྡོག་ནས་། སྐྱེས་བ་རྗེས་མ་མི་ལ་སྐྱེས་བ་ལེན་པ་ཐེ་ཚོམ་ཡོད་མ་རེད། གང་ཡིན་ཟེར་ན། འབྲས་བུ་གང་ཡིན་རྒྱུའི་རྗེས་སུ་འགྲོ་ཡི་རེད་བ།