སྐྱེས་བུ་གསུམ་།

སྐྱེས་བུ་ཆུང་ངུ་བའི་མི་ལ་ངེས་འབྱུང་གི་སེམས་བསྐྱེད་ཀྱི་རེད་ཕས་།

ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པ་ལ་སྐྱེས་བུ་འབྲིང་བ་རེད་ཕས་།

ཐེག་ཆེན་དགྲ་བཅོམ་པ་ལ་སྐྱེས་བུ་ཆེན་པོ་རེད་ཕས་།

ཐེག་ཆེན་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའི་ཁྱད་པར་གང་ཡོད་དམ།

ཐུགས་རྗེ་ཆེ་གནང་།

སྐྱེས་བུ་ཆུང་ངུ་ལ་འཁོར་བའི་བསྡུས་པའི་ཆོས་ཚང་མ་ལ་ངེས་པར་འབྱུང་བའི་ངེས་འབྱུང་ཡོད་མ་རེད། ཡིན་ནའང་དམྱའ་བ། ཡི་དྭགས། དུད་འགྲོའི་སྡུག་བསྔལ་བཅས་ལ་ངེས་པར་འབྱུང་བའི་ངེས་འབྱུང་ཡོད། ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པ་དེ་ཚོ་སྐྱེས་བུ་འབྲིང་རེད། དེ་ཚོ་ལ་སྡུག་བསྔལ་གསུམ་ཀ་ལ་ངེས་འབྱུང་ཡོད། ཐེག་ཆེན་དགྲ་བཅོམ་པ་དང་སངས་རྒྱས་གཅིག་པ་རེད། བྱང་ཆུབ་སེམས་པ་ཚོ་ཐེག་ཆེན་པ་རེད། ཡིན་ཡང་ཐེག་ཆེན་དགྲ་བཅོམ་པ་མ་རེད། ཐེག་ཆེན་དགྲ་བཅོམ་ཟེར་ན་སངས་རྒྱས་ལ་ཟེར་གྱི་རེད།