འོག་མིན

འོག་མིན་ནི། གནས་འདིར་སྐྱེས་པའི་ལྷ་ནི་གཟུགས་ཁམས་ཀྱི་མཐར་ཐུག་རེད། ཡིན་ནའང་གསང་སྔགས་ཐེག་པའི་ནང་ལ་འོག་མིན་གྱི་གནས་ལབ་དུས། སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེས་ས་དང། ཡི་དམ་ཚོ་ལ་སྤྱན་དྲང་གི་གནས་རེད། འདི་ལ་འོག་མིན་གྱི་གནས་དང་གཟུགས་ཁམས་ཀྱི་འོག་མིན་ལྷ་ཡུལ་གཅིག་པ་རེད་པས།

ཡི་དམ་ཧེ་རུ་ཀ

བསམ་གཏན་དང་པོའི་གནས་གསུམ་དང་། གཉིས་པའི་གནས་གསུམ། གསུམ་པའི་གནས་གསུམ། བཞི་པའི་གནས་བརྒྱད་དེ་བཅུ་བདུན། དང་པོའི་གསུམ་ནི། ཚངས་རིས་དང་། ཚངས་པ་མདུན་ན་འདོན། ཚངས་པ་ཆེན་པོའོ། །གཉིས་པའི་གསུམ་ནི། འོད་ཆུང་དང་། ཚད་མེད་འོད། འོད་གསལ་ལོ། །གསུམ་པའི་གསུམ་ནི། དགེ་ཆུང་དང་། ཚད་མེད་དགེ དགེ་རྒྱས་སོ། །བཞི་པའི་བརྒྱད་ནི། སྤྲིན་མེད་དང་། བསོད་ནམས་སྐྱེས། འབྲས་བུ་ཆེ་བ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོ་བ། འོག་མིན་ཏེ་བརྒྱད་ལས་དང་པོ་གསུམ་སོ་སྐྱེའི་གནས་དང་། ཕྱི་མ་ལྔ་འཕགས་པ་ཁོ་ནའི་གནས་ཏེ་གནས་གཙང་ལྔ་ཞེས་གྲགས་སོ། །འོག་མིན་དང་ལོངས་སྤྱོད་རྫོགས་པའི་སྐུ་བཞུགས་ས་འོག་མིན་སྟུག་པོ་བཀོད་པའི་ཞིང་གཉིས་དོན་མི་གཅིག་སྟེ། འོག་མིན་ནི་ཐེག་དམན་འཕགས་པ་རྣམས་སྐྱེ་བ་ལེན་པའི་གནས་ཤིག་དང་། ཐེག་པ་ཆེན་པོའི་མདོ་ལས་གསུངས་པའི་འོག་མིན་ཆེན་པོ་རྒྱན་སྟུག་པོ་བཀོད་པ་ནི། གནས་རིས་བཅུ་བདུན་གྱི་འོག་མིན་དེའི་སྟེང་དུ་དབང་ཕྱུག་ཆེན་པོའི་གནས་འོག་མིན་སྟུག་པོ་བཀོད་པ་ཞེས་ས་བཅུ་པའི་དབང་ཕྱུག་རྣམས་སྐྱེ་བའི་གནས་རིགས་བཅོ་བརྒྱད་པ་ཞིག་ཡོད་པ་དེ་ཡིན་པའི་ཕྱིར་ཏེ། {{ལང་གཤེགས}}ལས། འདོད་པ་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་གསུངས་སོ། །འོན་ཀྱང་ཐེག་དམན་གྲུབ་མཐའ་སྨྲ་བ་གཉིས་ཀྱིས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁས་མི་ལེན་ནོ། །