ལུས་འདི་ཅི་རུང་།

མདོ་མཛངས་བླུན། སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་སྦྱིན་པའི་ལེའུ་ལས།

དེ་ནས་རྒྱལ་བུ་ཐ་ཆུང་དེས་ཡིད་ལ་འདི་སྙམ་དུ་བསམས་སོ༑ ། བདག་ཡུན་རིང་བོ་ནས་འཁོར་བ་ན་འཁོར་ཞིང་ལུས་དང་སྲོག་གྲངས་མེད་པ་ཞིག་ཆུད་གསན་ཏེ། བར་འགའ་ནི་འདོད་ཆགས་ཀྱི་ཕྱིར། བར་འགའ་ནི་ཞེ་སྡང་གི་ཕྱིར། བར་འགའ་ནི་གཏི་མུ ག་གི་ཕྱིར་ལུས་བཏང་སྟེ། ཆོས་ཀྱི་ཕྱིར་བསོད་ནམས་ཀྱི་ཞིང་དང་ལན་འགའ་ཡང་མ་ཕྲད་པའི་ལུས་འདི་ཅི་རུང་སྙམ་དུ་བསམས་པ་ཐག་བཅད་ནས་གསུམ་ཆར་འགྲོགས་ཏེ་སོང་བ་ལས་རིང་བོར་མ་ཕྱིན་པར་ཕུ་བོ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །

  • གཏམ་རྒྱུད་འདིར། “ལུས་འདི་ཅི་རུང་”གི་གོ་དོན་གསུང་རོགས།

  • སྤྱིར་ན། བརྗོད་སྟངས་“ཅི་རུང་”གོ་དོན་གང་ཡིན། དཔེ་མཚོན་འགའ་ཞིག་གནང་རོགས།

ཅི་རུང་། ཅི་རིགས་པ། གང་ཡང་རུང་བ། སྐབས་འདིར་ཅི་རུང་ཟེར་བ། ཅི་ཞིག་ཕན་ཟེར་བ་ལྟ་བུ་ཕན་མི་ཐོགས་པ་ལྟ་བུ་ལ་གོ