ཕར་ཕྱིན་དྲུག

སློབ་ཚན་ནང་དུ་ང་ཚོས་སྦྱིན་པའི་ཕར་ཕྱིན་ལ་ཕར་ཕྱིན་དྲུག་རེ་རེ་སྦྱོར་སྟངས་སྐོར་གཏམ་བཤད་བྱེད་པ་ཡིན།
ཡིན་ན་ཡང་གོ་བ་ཏོག་ཙམ་གསལ་པོ་མི་འདུག
བྱས་ཙང་རྒན་ལགས་ཀྱིས་ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན།
ཕར་ཕྱིན་ལྔ་དེ་ལ་ཕར་ཕྱིན་དྲུག་རེ་རེ་སྦྱོར་སྟངས་གང་འདྲའི་སྐོར་ཡང་ཏོག་ཙམ་ལབ་རོགས་གནང་།

ཐུགས་རྗེ་ཆེ་གནང་།

1 Like

སྦྱིན་པའི་ཕར་ཕྱིན་ལ་ཕར་ཕྱིན་དྲུག་རེ་རེ་སྦྱོར་སྟངས་གང་ཡིན་ཟེར་ན། ང་ཚོས་མི་གཞན་ལ་ཁ་ལག་སྦྱིན་པ་གཏོང་དུས། རང་གིས་སྦྱིན་པ་བཏང་པའི་དགེ་བ་དེ་ཡང་གཞན་ལ་བསྔོ་བ་དེ་སྦྱིན་པའི་སྦྱིན་པ་དང་། རྣམ་འགྱུར་ཡག་པོ་སྟོན་པ་དེ་སྦྱིན་པའི་ཚུལ་ཁྲིམས། ཕར་སྦྱིན་པ་གཏོང་དུས་ཚུལ་རྣམ་འགྱུར་སྡུག་ཅག་དང་། ཚིག་ངན་པ་དེ་འདྲ་ལབ་པ་ན་བཟོད་པ་སྒོམ་པ་དེ་སྦྱིན་པའི་བཟོད་པ་དང་། སྦྱིན་པ་གཏོང་དུས་སེམས་པ་གཞན་དུ་མ་གཡེང་པ་སྦྱིན་པ་གཏོང་བ་དེ་སྦྱིན་པའི་བསམ་གཏན་དང་། སྦྱིན་པ་གཏོང་དུས་ཁ་ལག་དེ་མི་དེ་ལ་སྦྱིན་ན་མི་ཕན་ཐོག་ཡོད་མེད་དཔྱོད་པ་བྱས་ནས་སྦྱིན་པ་དེ་སྦྱིན་པའི་ཤེས་རབ་རེད། དེ་ག་ནང་བཞིན་ཕར་ཕྱིན་གཞན་པ་ལའང་སྦྱར་དགོས།